ལྡུམ་རྭ།
Dhumra
Dhumra serves as a sanctuary where technology and tradition converge to nurture the roots of Tibetan identity. Join us in cultivating knowledge and preserving our tradition and cultural
ལྡུམ་ར་ནི་བོད་པའི་ངོ་བོའི་རྩ་བ་གསོ་སྐྱོང་བྱེད་པར་དེང་རབས་འཕྲུལ་ཆས་དང་སྲོལ་རྒྱུན་གཉིས་འདུ་འཛོམས་བྱེད་སའི་བདེ་འཇགས་ཀྱི་གནས་ཤིག་ཏུ་གྱུར་ཡོད། ང་ཚོའི་ཤེས་ཡོན་གསོ་སྐྱོང་དང་སྲོལ་རྒྱུན་དང་རིག་གཞུང་སྲུང་སྐྱོབ་བྱེད་པའི་ལས་གཞིར་མཉམ་ཞུགས་གནང་རོགས།
What We Do ང་ཚོས་ཅི་ཞིག་བྱེད་དམ།
Dhumra Will Serve ལྡུམ་ར་ཡིས་ཞབས་ཞུ།
As a digital sanctuary dedicated to preserving and promoting Tibetan language, culture, and tradition through the innovative application of technology, particularly AI. By harnessing the power of modern advancements, Dhumra aims to safeguard the essence of Tibetan heritage and showcase its richness to the world. Through collaborative exploration and digital initiatives, Dhumra strives to foster a deeper understanding, appreciation, and preservation of Tibetan identity for generations to come.
གློག་ཀླད་ལྡུམ་ར་ཞིག་གི་ངོ་བོར་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། སྲོལ་རྒྱུན་བཅས་གསར་གཏོད་རང་བཞིན་ལྡན་པའི་འཕྲུལ་རིག་ལག་བསྟར་བརྒྱུད་སྲུང་སྐྱོབ་དང་དར་སྤེལ་གཏོང་བར་བསྐོས་ཏེ། ལྷག་པར་དུ་**མིས་བཟོས་རིག་ནུས་**བེད་སྤྱོད་བྱེད་ཀྱི་ཡོད། དེང་རབས་ཀྱི་ཡར་ཐོན་ཅན་གྱི་ནུས་པ་བེད་སྤྱོད་བྱས་ཏེ། ལྡུམ་ར་ཡིས་བོད་ཀྱི་རིག་གཞུང་གི་སྙིང་པོ་སྲུང་སྐྱོབ་བྱེད་རྒྱུ་དང་དེའི་ཕྱུག་ཆ་འཛམ་གླིང་ལ་མཚོན་པར་བྱེད་རྒྱུར་དམིགས་ཡོད། མཉམ་འབྲེལ་ཞིབ་འཇུག་དང་གློག་ཀླད་ལས་འགུལ་བརྒྱུད་ནས། ལྡུམ་ར་ཡིས་མ་འོངས་པའི་མི་རབས་ཚོར་བོད་པའི་ངོ་བོའི་སྐོར་གོ་རྟོགས་ཟབ་མོ་དང་། དགའ་མོས། སྲུང་སྐྱོབ་བཅས་གོང་མཐོར་གཏོང་ཐབས་བྱེད་ཀྱི་ཡོད།
Global outreach ཁྱབ་སྤེལ།
Establishes partnerships with global organizations to leverage technology for raising awareness and appreciation of Tibetan culture on a global scale.
འཛམ་གླིང་ཁྱོན་ཡོངས་སུ་བོད་ཀྱི་རིག་གཞུང་ལ་གོ་རྟོགས་དང་དགའ་མོས་སྤེལ་བའི་ཆེད་དུ་འཕྲུལ་ཆས་བེད་སྤྱོད་བྱེད་པར་འཛམ་གླིང་གི་ཚོགས་པ་ཁག་དང་མཉམ་ལས་འབྲེལ་བ་འཛུགས་ཀྱི་ཡོད།
Arts Digitization རི་མོའི་སྒྱུ་རྩལ་གློག་ཀླད་ཅན་དུ་བསྒྱུར་བ།
Build online data stores to facilitate curation of Tibetan unique arts and illustrations. Dhumra will provide global access to the richness of Tibetan creativity.
བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་དང་རི་མོ་རྣམས་སྒྲིག་འཇོག་བྱེད་པར་མཐུན་འགྱུར་སྤྲོད་ཆེད་དྲ་ཐོག་གནས་སྡུད་མཛོད་བསྐྲུན་རྒྱུ་ཡིན། ལྡུམ་ར་ཡིས་བོད་ཀྱི་གསར་རྩོམ་གྱི་ཕྱུག་ཆར་འཛམ་གླིང་ཁྱོན་ཡོངས་ནས་ལྟ་ཀློག་བྱེད་ཐུབ་པའི་ཆ་རྐྱེན་བསྐྲུན་རྒྱུ་ཡིན།
Digital Initiatives གློག་ཀླད་ལས་འགུལ།
Empowers individuals with the knowledge and skills to actively participate in the preservation and celebration of Tibetan culture through digital initiatives and workshops.
གློག་ཀླད་ལས་འགུལ་དང་བྱེད་སྒོ་ཁག་བརྒྱུད་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་དགའ་སྤྲོའི་ངང་རྩི་བཀུར་ཞུ་བར་མི་སྒེར་སོ་སོར་ཤེས་ཡོན་དང་ནུས་རྩལ་སྤྲད་དེ་བྱེད་སྒོ་དེ་དག་ཏུ་ཆ་ཤས་བླང་ཐུབ་པ་བཟོ་གི་ཡོད།
AI ADVANCEMENT མིས་བཟོས་རིག་ནུས་ཀྱི་ཡར་རྒྱས།
Implements AI-driven solutions to enhance accessibility and utilization of Tibetan language resources on digital platforms.
གློག་ཀླད་སྡིངས་ཆའི་སྟེང་བོད་སྐད་ཀྱི་ཐོན་ཁུངས་རྣམས་ལ་ལྟ་སྤྱོད་བདེ་བ་དང་བེད་སྤྱོད་ཆེ་རུ་གཏོང་བར་མིས་བཟོས་རིག་ནུས་ཀྱིས་སྣེ་ཁྲིད་པའི་ཐབས་ལམ་ཁག་ལག་བསྟར་བྱེད་ཀྱི་ཡོད།
R&D
Research & Development ཞིབ་འཇུག་དང་གསར་གཏོད།
Dhumra’s research and development efforts span key areas vital for its mission. This includes refining Natural Language Processing (NLP) models for accurate Tibetan language processing, leveraging AI for engaging content creation, and preserving Tibetan artistic heritage digitally. Furthermore, Dhumra focuses on developing user-friendly online education platforms and cross-cultural outreach strategies while ensuring ethical and culturally sensitive technology development.
ལྡུམ་ར་ཡི་ཞིབ་འཇུག་དང་གསར་གཏོད་ཀྱི་འབད་བརྩོན་རྣམས་རང་ཉིད་ཀྱི་དམིགས་ཡུལ་སྒྲུབ་པར་གལ་གནད་ཆེ་བའི་གནད་དོན་གཙོ་བོ་ཁག་ལ་ཁྱབ་ཡོད། འདིའི་ནང་བོད་སྐད་ཀྱི་བརྡ་སྤྲོད་ཏག་ཏག་བྱེད་པའི་ཆེད་དུ་རང་བྱུང་སྐད་བརྡའི་བཀོལ་སྤྱོད་མ་ལག་ཡར་རྒྱས་གཏོང་བ་དང་། དོ་སྣང་འགུག་པའི་ནང་དོན་བཟོ་སྐྲུན་གྱི་ཆེད་དུ་མིས་བཟོས་རིག་ནུས་བེད་སྤྱོད་བྱེད་པ། བོད་ཀྱི་སྒྱུ་རྩལ་གྱི་རིག་གཞུང་གློག་ཀླད་བརྒྱུད་སྲུང་སྐྱོབ་བྱེད་པ་བཅས་ཚུད་ཡོད། དེའི་ཐོག་ལ་ལྡུམ་ར་ཡིས་སྤྱོད་བདེ་བའི་དྲ་ཐོག་ཤེས་ཡོན་སློབ་གསོའི་སྡིངས་ཆ་དང་རིག་གཞུང་ཕན་ཚུན་འབྲེལ་བ་བྱེད་པའི་ཐབས་བྱུས་གསར་གཏོད་བྱེད་པར་དམིགས་འཛུགས་བྱེད་པ་དང་ཆབས་ཅིག་བཟང་སྤྱོད་དང་མཐུན་ཞིང་རིག་གཞུང་ལ་བརྩི་བཀུར་ཡོད་པའི་འཕྲུལ་ཆས་ཡར་རྒྱས་གཏོང་བར་འགན་ལེན་བྱེད་ཀྱི་ཡོད།
Curate usual Datasets རྒྱུན་ལྡན་གྱི་གནས་སྡུད་ཕྱོགས་བསྡུས་སྒྲིག་འཇོག་བྱེད་པ།
Explore existing AI models and develop new if necessary ཡོད་བཞིན་པའི་མིས་བཟོས་རིག་ནུས་ཀྱི་དཔེ་གཞི་ཁག་ལ་ཞིབ་འཇུག་བྱེད་པ་དང་། དགོས་མཁོ་བྱུང་ན་གསར་པ་གསར་གཏོད་བྱེད་པ།
Want to collaborate? ང་ཚོ་དང་མཉམ་ལས་བྱེད་འདོད་ཡོད་དམ།
Individuals can collaborate with Dhumra in several ways
མི་སྒེར་པ་ཚོས་ཐབས་ལམ་འགའ་ཞིག་བརྒྱུད་ནས་ལྡུམ་ར་དང་ལྷན་དུ་མཉམ་ལས་བྱེད་ཐུབ།
Content Contribution: Individuals can contribute articles, blog posts, videos, or other multimedia content related to Tibetan language, culture, and tradition. This could include personal stories, research insights, or creative works that enrich Dhumra’s platform.
༼ རྒྱུ་ཆ་མཐུན་འགྱུར། ༽ མི་སྒེར་གྱིས་བོད་ཀྱི་སྐད་ཡིག རིག་གཞུང་དང་སྲོལ་རྒྱུན་སོགས་དང་འབྲེལ་བའི་རྩོམ་ཡིག་དང་། སྒེར་གྱི་ལོ་རྒྱུས་། ཞིབ་འཇུག་གི་ཤེས་རྟོགས། ཡང་ན་ལྡུམ་རའི་སྟེགས་བུ་ཕྱུག་པོ་བཟོ་བའི་གསར་གཏོད་ཀྱི་ལས་ཀ་ཡང་ཚུད་ཡོད།
Expertise Sharing: Those with expertise in AI, technology, linguistics, or Tibetan studies can collaborate with Dhumra by sharing their knowledge through guest lectures, workshops, or consulting services. This helps advance Dhumra’s research and development initiatives.
༼ ཆེད་ལས་མཉམ་སྤྱོད་བྱེད་པ། ༽ མིས་བཟོས་རིག་ནུས་ཀྱི་ལག་རྩལ། སྐད་ཡིག་རིག་པ། ཡང་ན་བོད་རིག་པ་བཅས་ལ་ཆེད་ལས་ཤེས་བྱ་ཡོད་མཁན་ཚོས་ལྡུམ་ར་དང་མཉམ་དུ་མགྲོན་པོའི་གསུང་བཤད་དང་། འདིས་ལྡུམ་རའི་ཞིབ་འཇུག་གསར་སྤེལ་གྱི་ལས་དོན་མདུན་དུ་བསྐྱོད་པར་ཕན་ཐོགས་ཐུབ།
Few other ways too such as ཐབས་ལམ་གཞན་ཁ་ཤས་ཤིག་ཡོད་པ་དཔེར་ན།
Partnership and Sponsorship མཉམ་ལས་དང་སྦྱིན་བདག་།
Volunteer Opportunities དང་བླངས་པའི་གོ་སྐབས།
Feedback and Engagement བསམ་འཆར་དང་འབྲེལ་བ།
Partnership and Sponsorship མཉམ་ལས་དང་སྦྱིན་བདག་།
Organizations, institutions, or businesses aligned with Dhumra’s mission can explore partnership or sponsorship opportunities to support specific initiatives or projects, enhancing mutual goals and impact.
ལྡུམ་ར་ཡི་དམིགས་ཡུལ་དང་མཐུན་པའི་ཚོགས་པ་དང་། སྒྲིག་འཛུགས། ཡང་ན་ཚོང་ལས་ཁག་གིས་དམིགས་བསལ་གྱི་ལས་འགུལ་ལམ་ལས་གཞི་ཁག་ལ་རྒྱབ་སྐྱོར་ཆེད་མཉམ་ལས་སམ་མཐུན་འགྱུར་གྱི་གོ་སྐབས་ཞིབ་འཇུག་བྱེད་ཆོག་པ་དང་། དེས་ཕན་ཚུན་གྱི་དམིགས་ཡུལ་དང་ཤུགས་རྐྱེན་ཆེ་རུ་གཏོང་གི་ཡོད།
Feedback and Engagement བསམ་འཆར་དང་འབྲེལ་བ།
Individuals can engage with Dhumra’s content, provide feedback, and participate in discussions on social media platforms or community forums. This interaction helps Dhumra better understand and serve its audience while fostering a sense of community engagement.
མི་སྒེར་སོ་སོས་ལྡུམ་ར་ཡི་ནང་དོན་ལ་འབྲེལ་གཏུག་བྱེད་པ་དང་། དགོངས་འཆར་འདོན་པ། སྤྱི་ཚོགས་བརྒྱུད་ལམ་གྱི་སྡིངས་ཆའམ་སྤྱི་ཚོགས་གླེང་སྟེགས་ཁག་ཏུ་གྲོས་བསྡུར་ནང་མཉམ་ཞུགས་བྱེད་ཆོག། མཉམ་འབྲེལ་འདི་ཡིས་ལྡུམ་ར་ལ་རང་གི་ལྟ་ཀློག་པ་རྣམས་ལ་གོ་རྟོགས་དང་ཞབས་ཞུ་ཡག་ཏུ་གཏོང་བར་རོགས་རམ་བྱེད་པ་དང་ཆབས་ཅིག་སྤྱི་ཚོགས་མཉམ་ཞུགས་ཀྱི་འདུ་ཤེས་གོང་མཐོར་གཏོང་གི་ཡོད།
Dhumra is a digital platform dedicated to preserving Tibetan language, culture, and tradition through innovative technology solutions. By leveraging AI, digital education, and global outreach efforts, Dhumra aims to empower individuals and communities to engage with, celebrate, and safeguard the richness of Tibetan heritage in the digital age.
DHUMRA ལྡུམ་རྭ།
Contact
Dhumra.info@gmail.com
Sydney, NSW Australia